夏河县公共文化云 · 让文化点亮生活
会员中心 登录 注册
🔍
首页 > 首页 > 资讯 > 文化动态 > 正文

༼བླ་བྲང་དགྱེས་འཛོམས༽་དམངས་ཁྲོད་དགོང་ཚོགས།

བསང་ཆུ་རྫོང་གི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི༼བླ་བྲང་དགྱེས་འཛོམས༽ཞེས་པའི་གྲོང་སྡེའི་དམངས་ཁྲོད་ལོ་སར་དགོང་ཚོགས་ལེགས་པར་གྲུབ།

非遗贺新春 我的家乡年丨夏河县第三届“相约拉卜楞”春季村晚录制圆满完成

    ཟླ1པོའི་ཚེས14ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི༼བླ་བྲང་དགྱེས་འཛོམས༽ཞེས་པའི་གྲོང་སྡེའི་དམངས་ཁྲོད་ལོ་སར་དགོང་ཚོགས་བླ་བྲང་རྫོང་དུ་འཚོགས་པ་དང་།   ཐེངས་འདིའི་དགོང་ཚོགས་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱིས་བརྙན་ཕབ་བྱ་བར་འགན་ཁུར་ཡོད།  
  ད་ལོའི་ལོ་སར་སྐབས་སུ་ཨ་མདོ་བརྙན་འཕྲིན་འཁོར་སྐར་འཕྲིན་ལམ་དང་ཨ་མདོ་བརྙན་འཕྲིན་གངས་ལྗོངས་མེ་ལོང་དྲ་བ་བརྒྱུད་ནས་གཟིགས་འབུལ་བྱ་རྒྱུ་ཡིན་ལ། ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་དུས་དབྱངས་འཕྲིན་སྟེགས། ཉིན་རེའི་གངས་ལྗོངས་སྐད་འཕྲིན་སྤྱི་སྟེགས་སོགས་སྨྱན་བྱད་གསར་བའི་རྒྱུད་ལམ་ཁག་ནས་ཀྱང་དུས་མཉམ་དུ་གཏང་རྒྱུ་ཡིན་པས། རྒྱ་ཆེའི་ལྟ་མཁན་རྣམས་ཀྱིས་དུས་ལྟར་གསན་གཟིགས་གནང་བར་དགའ་བསུ་ཞུ།

ཡོང་ཁུངས། ཨ་མདོ་བརྙན་འཕྲིན་ཁང་།

👍 点赞 0 ⭐ 收藏 ↗ 分享
评论 (0)
暂无评论