
迎蛇年 贺新春
夏河县文化馆
祝大家新春快乐!
བསང་ཆུ་རྫོང་རིག་གནས་ཁང་གིས་
དཔྱིད་གསར་དུས་ཆེན་ལ་
བཀྲ་ཤིས་བདེ་ལེགས་ཞུ།


时光荏苒,岁月如梭
又一个崭新的春节悄然而至
在这辞旧迎新的时刻
我们怀着喜悦的心情向过去的一年挥手告别
同时也满怀期待地迎接新年的曙光
རྒྱལ་ཁའི་སྤྲོ་དགའི་འབྲུག་ལོ་ཕར་ལ་སྐྱེལ་ཞིང་
རེ་བའི་འོད་སྣང་གི་སྦྲུལ་ལོ་ཚུར་ལ་བསུས་པ།
新
春
贺
词
དཔྱིད་གསར་དུས་ཆེན་གྱི་སྤྲོ་དགའི་ཉིན་མོ་འདིར།
ངེད་བསང་ཆུ་རྫོང་རིག་གནས་ཁང་གིས།
ཐོག་མར། བསང་ཆུའི་རིག་གནས་བྱ་གཞག་འཕེལ་རྒྱས་སུ།
ཐུགས་ཁུར་དང་རྒྱབ་སྐྱོར་གནང་པའི་རིམ་པ་སོ་སོའི་འགོ་ཁྲིད་དང་།
ལས་རིགས་ཁག་གི་གྲོགས་པོ་ཡོངས་ལ།
སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
སྦྲུལ་ལོའི་ལོ་སར་ལ་སྤྲོ་བོ་ཡོང་པ་དང་།
ཁྱིམ་ཚང་བདེ་སྐྱིད། ཁ་དྲོ་བཀྲ་ཤིས།
ཅི་བསམ་དོན་གྲུབ་ཡོང་པ་དང་།
རྒྱལ་ཁམས་བདེ་ཞིང་དམངས་རྣམས་སྐྱིད་པ་ཡོང་པར་ཤོག
འདས་ཟིན་པའི་ལོ་ཟླ་གཅིག་གི་རིང་།
ང་ཚོས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་།
རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་བཀོད་སྒྲིག་ལ་བརྟེན་ནས།
རིག་གནས་ཀྱིས་དམངས་ལ་ཕན་པའི་འདུ་ཤེས་རྒྱུན་འཁྱོངས་དང་།
རིག་གནས་ཀྱི་ཆར་རྒྱུན་དེ་མང་ཚོགས་རེ་རེའི་སེམས་པའི་ཞིང་སར་གཏོར་པ་ཡིན།
རིག་གནས་སྒྱུ་རྩལ་གྱི་ཟབ་སྦྱོང་དང་བྱེད་སྒོ།
འགྲེམས་སྟོན་སོགས་རབ་དང་རིམ་པ་སྤེལ་པ་དང་།
དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་ལ་ཤུགས་རྒྱབ་པ།
དེ་གར་རྣམ་ཐར་གྱི་སྙན་འཇེབས་དབྱངས་རྟ་དང་།
བསང་ཆུའི་དམངས་གླུ་དང་དམངས་ཁྲོད་ཞབས་བྲོའི་ཉམས་འགྱུར་སོགས།
རིག་གནས་དེ་དག་གི་རྒྱུན་འཛིན་སྲུང་སྐྱོབ་དང་།
གསར་གཏོད་ཀྱི་བརྩེ་དུང་ནི་དེ་བས་ཟབ་ཞིང་གཏིང་།
དེ་ཡང་། རིག་གནས་ཐང་ཆེན་མང་པོ་དང་། གྲོང་ཁུལ་དང་གྲོང་སྡེ་སོ་སོ། སློབ་གྲྭ་སོགས་སུ་རྒྱུ་ནས།
སྒྱུ་རྩལ་གྱི་ས་བོན་ནི་དཔྱིད་དུས་སླེབས་པ་འདི་དང་མཚུངས་པར།
རེ་བ་ཡི་ས་ཞིང་སོ་སོར་འབད་བརྩོན་གྱིས་བཏབ་པ་ཡིན།
དེ་གར། ང་ཚོས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གསོན་ཉམས་ལྡན་པའི་རི་མོ་མང་པོ་ཕབ་ཡོད།
༢༠༢༥ལོའི་ལོ་གསར་པའི་ནང་དུ།
ང་ཚོས་རིག་གནས་ཀྱི་ཐོན་ཁུངས་མུ་མཐུད་འདོན་སྤེལ་བྱེད་པ་དང་།
སྤྱི་པའི་རིག་གནས་ཞབས་ཞུའི་མཁོ་འདོན་སྔར་བས་ཇེ་ལེགས་སུ་བཏང་ནས།
ཞབས་ཞུའི་བྱེད་སྟངས་གསར་གཏོད་དང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ།
ནུས་ཤུགས་ཡོད་རྒུས་བསང་ཆུའི་ཁྱད་ཆོས་ལྡན་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་སྤུས་རྟགས་སྔར་ལས་ཇེ་མཐོར་གཏོད་དགོས།
ང་ཚོས་མུ་མཐུད་དུ་མི་དམངས་ལྟེ་བར་འཛིན་པ་དང་།
མང་ཚོགས་ཀྱི་དགོས་མཁོར་དམིགས་པ་བཅས་བྱས་ནས།
རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་ལམ་བུར་སྤོབས་པ་ཆེན་པོས་མདུན་སྐྱོད་དང་།
བསང་ཆུའི་རིག་གནས་ཀྱི་མེ་ཏོག་དེ་བས་རྣམ་པར་བཀྲ་བར་སྐུལ་འདེད་གཏོང་བ།
བསང་ཆུའི་རིག་གནས་བྱ་གཞག་འཛུགས་སྐྲུན་བྱེད་པར་སྔར་ལས་སྟོབས་ཤུགས་ཡོད་དགུ་འདོན་རྒྱུ་བཅས་སོ།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།


夏河县公共文化云
发表评论 取消回复