2025年全国文化科技卫生“三下乡”
甘肃省集中示范活动在夏河举行
胡卫列 葛建团出席 何谋保致辞

6月12日上午,由司法部牵头,省委宣传部等14家省直单位及甘南州委、州政府共同主办的2025年全国文化科技卫生“三下乡”甘肃省集中示范活动在夏河县举行。
司法部副部长胡卫列、副省长葛建团出席活动。
州委书记何谋保在致辞时说,全国科技文化卫生“三下乡”甘肃省集中示范活动在夏河县举办,充分体现了党中央、国务院和省委、省政府对民族地区、涉藏州县的关心关怀,是对我州持续推动“三下乡”工作提质增效的极大鼓舞,也是对加快推进乡村全面振兴的有力支持。甘南将以这次示范活动为契机,在优服务、强保障上给足劲,着眼普及科学理论、宣讲形势政策、涵育文明乡风、服务群众需求,精心组织实施,全力做好配合,确保活动安全、有序、高效,让各项服务惠及广大农牧民群众。在取真经、提能力上赋新能,不断提升各级干部和专业人才服务基层、服务群众的能力水平,推动科技文化卫生“三下乡”提质扩面、提档升级,为促进农牧业高质高效、农牧村宜居宜业、农牧民富裕富足提供强力支撑。在惠民生、增福祉上强作为,聚焦农牧民群众需求期盼,切实把文化大餐送到百姓心坎、把科普知识带到田间牧场、把义诊药箱背进千家万户,推动“三下乡”活动在全国全省有亮点、立得住、走在前。在感党恩、跟党走上见行动,坚持把铸牢中华民族共同体意识作为各项工作的主线,以理论宣讲“聚人心”、文化服务“润民心”、科技卫生“暖民心”的务实举措,提升基层群众的科学素养、增进文化认同、提高健康水平,教育引导各族群众把爱国情、强国志、报国行融入血脉、见诸行动,坚定不移感党恩、听党话、跟党走,扛牢维护民族团结、社会稳定的甘南担当,书写中国式现代化的甘南实践。

活动现场,省、州、县文化科技卫生“三下乡”成员单位组织开展了法治宣传、政策宣讲、惠民义诊、科普宣传、农牧技术指导等丰富多样的服务活动,来自省级文艺院团的演员们表演了深受群众喜爱的文艺节目。

据了解,此次活动中,司法部、法律出版社、中国法治出版社向夏河县捐赠了资金和图书。省级“三下乡”成员单位还立足夏河县实际,谋划了一批文化、科技、卫生、教育、农业等方面的项目和活动,捐赠物资和安排扶持项目资金约1.72亿元,带动汇集各方力量,着力加强农村思想文化建设,深化理论宣传普及,大力传播科学知识,推动农村科技进步,加快法治乡村、健康乡村建设,助力推进乡村全面振兴不断取得新进展。
来源:甘南融媒
2025ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན༼གཞི་རིམ་དུ་བསྐྱོད་པ་གསུམ༽གྱི་ཀན་སུའུ་ཞིང་ཆེན་གྱི་གཅིག་བསྡུས་དཔེ་སྟོན་བྱེད་སྒོ་བསང་ཆུ་རྫོང་དུ་སྤེལ།

ཟླ6པའི་ཚེས12ཉིན། ཁྲིམས་འཛིན་པུའུ་ཡིས་སྣེ་ཁྲིད་དེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་ཞིང་ཆེན་གྱི་ཁོངས་གཏོགས་ལས་ཁུངས14དང་དེ་མིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱེད་པའི2025ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན༼གཞི་རིམ་དུ་བསྐྱོད་པ་གསུམ༽གྱི་ཀན་སུའུ་ཞིང་ཆེན་གྱི་གཅིག་བསྡུས་དཔེ་སྟོན་བྱེད་སྒོ་བསང་ཆུ་རྫོང་དུ་སྤེལ།
ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཝེ་ལེ་དང་ཧྲིན་ཀྲང་གཞོན་པ་ཀོ་ཅན་ཐོན་བྱེད་སྒོར་ཞུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་ཤིས་ཚིག་ཕུལ།
ཧོ་མོའུ་པའོ་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀན་ལྷོས་ཐེངས་འདིའི་དཔེ་སྟོན་བྱེད་སྒོ་གོ་སྐབས་སུ་བཟུང་སྟེ། ཞབས་ཞུ་ལེགས་པོ་དང་འགན་སྲུང་ནུས་ལྡན་ཐད་ཤུགས་སྣོན་པ། རིགས་སོ་སོའི་ཞབས་ཞུ་ཡིས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཕན་ཐོགས་པར་བྱེད་པ། ཉམས་མྱོང་བསྡུ་ལེན་དང་ནུས་པ་མཐོ་རུ་གཏོང་བའི་ཐད་ནུས་པ་གསར་བ་བསྩལ་ནས། ཞིང་ཕྱུགས་ལས་རིགས་སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོན་པོ་ཡོང་བ་དང་། རོང་འབྲོག་སྡེ་བ་བདེ་སྡོད་ལས་བརྩོན། རོང་འབྲོག་མང་ཚོགས་ཕྱུག་འགྱུར་བཅས་ཡོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་པ། དམངས་འཚོར་ཕན་པ་ཐོབ་པ་དང་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་བྱས་རྗེས་བཞག་སྟེ། ༼གཞི་རིམ་དུ་བསྐྱོད་པ་གསུམ༽གྱི་བྱེད་སྒོ་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་སུ་ཁྱད་ཆོས་ལྡན་པ་དང་རྐང་ཚུགས་པ། སྔོན་དུ་བསྐྱོད་པར་སྐུལ་འདེད་གཏོང་བ། ཏང་གི་དྲིན་དྲན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཐད་བྱས་རྗེས་བཞག་སྟེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་སྟེ་མི་རིགས་འཆམ་མཐུན་སྲུང་སྐྱོང་དང་སྤྱི་ཚོགས་གཏན་འཇགས་ཀྱི་ཀན་ལྷོའི་འགན་འཁུར་ཕྲག་ཏུ་འཁུར་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀན་ལྷོའི་ལག་ལེན་འབྲི་དགོས་ཟེར།

བྱེད་སྒོའི་ཡུལ་དངོས་སུ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་༼གཞི་རིམ་དུ་བསྐྱོད་པ་གསུམ༽གྱི་གྲུབ་ཆའི་ལས་ཁུངས་ཀྱིས་ཁྲིམས་སྐྱོང་དྲིལ་སྒྲོག་དང་སྲིད་ཇུས་དྲིལ་སྒྲོག དམངས་ཕན་བརྟག་དཔྱད། ཚན་རྩལ་ཁྱབ་གདལ། ཞིང་ཕྱུགས་ལག་རྩལ་མཛུབ་སྟོན་སོགས་རྣམ་པ་སྣ་མང་གི་ཞབས་ཞུའི་བྱེད་སྒོ་སྤེལ། ཞིང་ཆེན་རིམ་པའི་རིག་རྩལ་ཚོགས་པ་ནས་ཐོན་པའི་འཁྲབ་སྟོན་པས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོའི་ཁྲོད་ཁྲིམས་འཛིན་པུའུ་དང་ཁྲིམས་ལུགས་དཔེ་སྐྲུན་ཁང་། ཀྲུང་གོའི་ཁྲིམས་འཛིན་དཔེ་སྐྲུན་ཁང་བཅས་ཀྱིས་བསང་ཆུ་རྫོང་ལ་སྒོར་མོ་དང་དཔེ་ཆ་ཞལ་འདེབས་སུ་ཕུལ་བ་དང་། ཞལ་འདེབས་དངོས་ཟོག་དང་ལས་གཞིར་རོགས་སྐྱོར་བྱེད་པའི་མ་དངུལ་ཕལ་ཆེར་སྒོར་དུང་ཕྱུར1.72བཀོད་སྒྲིག་བྱས་ཤིང་། གྲོང་གསེབ་ཀྱི་བསམ་བློ་རིག་གནས་འཛུགས་སྐྲུན་ལ་སྟོབས་ཤུགས་ཡོད་རྒུས་ཤུགས་བསྣན་ནས། གཞུང་ལུགས་དྲིལ་སྒྲོག་ཁྱབ་གདལ་གཏིང་ཟབ་ཏུ་གཏོང་བ་དང་ཚན་རིག་གི་ཤེས་བྱ་ཁྱབ་སྤེལ་ཧུར་ཐག་བྱེད་པ། གྲོང་གསེབ་ཀྱི་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་བཅས་བཏང་སྟེ། ཁྲིམས་སྐྱོང་གྲོང་གསེབ་དང་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་བྱེད་པ་མགྱོགས་སུ་བཏང་ནས། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་ལོན་པར་རོགས་རམ་བྱས་པ་རེད།



发表评论 取消回复