“圣境甘南·心灵之旅”2025甘南文旅 全球媒体发布会成功举办 何谋保致辞 杨武主持 6月10日,“圣境甘南·心灵之旅”2025甘南文旅全球媒体发布会在合作成功举办。 州委书记何谋保出席发布会并致辞,州委副书记、州长杨武主持。 发布会上,甘肃省文化和旅游厅副厅长龚佳佳作了文旅推介,州委常委、州委宣传部部长杨东平,州委常委、州委秘书长丁文华出席。副州长王芳推介了2025年甘南旅游精品线路,州文化广电和旅游局负责人作了“圣境甘南·心灵之旅”主题推介,与会人员观看了甘南州文旅宣传片。 何谋保代表州委、州政府和全州74万各族人民,向各位来宾、各界朋友的到来表示热烈欢迎,向长期以来关心支持甘南发展的国内外友好人士表示衷心感谢。他说,甘南是黄河、长江上游重要的水源涵养区和补给区,是国家西部重要的生态安全屏障,独特的地域环境孕育出独有的自然风光和地质风貌,农耕文化与游牧文明璀璨夺目,历史古韵与人文今风珠联璧合。甘南被国际权威旅游杂志《视野》和《探险》评为“让生命感受自由的世界50个户外天堂之一”,被《中国国家地理》《时尚旅游》评为“一生要去的50个地方之一”。我们持续释放“九色甘南香巴拉”的影响和魅力,全力打造“圣境甘南·心灵之旅”这一品牌,冶力关、拉卜楞、扎尕那等41处A级景区星罗棋布、交相辉映,成为国内外游客心驰神往、可及可近的旅游目的地。我们坚持以文化旅游产业为主导,实施产业大增效行动,逐“绿”追“新”,培“优”育“特”,大力促进生态先天优势、文化比较优势、旅游后发优势向经济发展优势、特色产业优势、区域竞争优势转变。 何谋保表示,生态是甘南最优美的风景,走进甘南,这里绿水青山绘画卷、风光壮美迎客来。旅游是甘南最富集的资源,触摸甘南,这里景区景点成矩阵、全域全季树品牌。文化是甘南最厚重的底蕴,品味甘南,这里自然人文相交融、和合共生聚万象。绿色是甘南最纯正的品质,选择甘南,这里深耕沃土有良机、筑巢引凤必共赢。希望各位媒体界的朋友们,以笔为媒、镜头传神,以文化旅游为平台载体,搭建起甘南与世界交往交流、相知相近的桥梁,进一步凝聚文明共识、推动开放包容,绘就人类文明共同繁荣发展的时代华章。 杨武在主持时向全世界发出了诚挚邀请,他说,甘肃是丝绸之路的千年史诗,甘南是青藏边缘的秘境天堂,这里山川壮美、河流纵横,草原辽阔、森林密布,藏乡静谧、牧歌悠扬,是人们寻求心灵慰藉、回归生命本真的“诗和远方”,热切期盼更多国内外游客认识甘南、走进甘南、爱上甘南。 来自巴基斯坦、美国、西班牙等16个国家的国际交流员及领队,韩国《世界日报》、迪拜中阿卫视、瑞士意大利语电视台等12家海外媒体记者,30余位中央驻甘、香港驻甘和省级新闻媒体、网络媒体的记者及自媒体人参加发布会。 来源:甘南融媒 【དག་ཞིང་ཀན་ལྷོ། སེམས་ཀྱི་འགྲུལ་བཞུད】ཅེས་པའི་2025ལོའི་འཛམ་གླིང་གི་སྨྱན་སྦྱོར་དུ་ཀན་ལྷོའི་རིག་གནས་ཡུལ་སྐོར་ཁྱབ་བསྒྲགས་ཀྱི་ཚོགས་འདུ་བདེ་བླག་ངང་འཚོགས། ཟླ6པའི་ཚེས10ཉིན། 【དག་ཞིང་ཀན་ལྷོ། སེམས་ཀྱི་འགྲུལ་བཞུད】ཅེས་པའི2025ལོའི་འཛམ་གླིང་གི་སྨྱན་སྦྱོར་དུ་ཀན་ལྷོའི་རིག་གནད་ཡུལ་སྐོར་ཁྱབ་བསྒྲགས་ཀྱི་ཚོགས་འདུ་གཙོས་སུ་བདེ་བླག་ངང་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཁྱབ་བསྒྲགས་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་ཚོགས་འདུའི་མགོ་བཟུང་། ཁྱབ་བསྒྲགས་ཚོགས་འདུ་རུ། ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཀོང་ཅ་ཅ་ཡིས་རིག་གནས་ཡུལ་སྐོར་འོས་སྦྱོར་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཏུང་ཕིང་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ཏིན་ཝུན་ཧྭ་ཚོགས་འདུར་ཞུགས། ཁུལ་དཔོན་གཞོན་པ་ཝང་ཧྥང་གིས2025ལོའི་ཀན་ལྷོའི་ཡུལ་སྐོར་གྱི་ལམ་ཐིག་སྤུས་ལེགས་འོས་སྦྱོར་བྱས། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ་ཡི་འགན་ཁུར་བས་དག་ཞིང་ཀན་ལྷོ། སེམས་ཀྱི་འགྲུལ་བཞུད་ཀྱི་བརྗོད་དོན་འོས་སྦྱོར་བྱས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཀན་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་དྲིལ་སྒྲོག་བརྙན་རིས་ལ་བལྟས། ཧོ་མོའུ་པའོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྲི74ཡི་ཚབ་བྱས་ཏེ། སྐུ་མགྲོན་དང་ལས་རིགས་སོ་སོའི་གྲོགས་པོ་རྣམས་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཀན་ལྷོའི་འཕེལ་རྒྱས་ལ་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་རྣམ་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཧོ་མོའུ་པའོ་ཡིས་སྨྱན་སྦྱོར་ལས་རིགས་ཀྱི་གྲོགས་པོ་རྣམས་ཀྱིས་མྱུ་གུ་ཡིས་ཕན་ཚུན་སྦྲེལ་ཞིང་། བརྙན་མིག་གིས་མཚར་ཉམས་མངོན་བཞིན། རིག་གནས་ཡུལ་སྐོར་སྟེགས་བུར་བརྩིས་ཏེ། ཀན་ལྷོ་དང་འཛམ་གླིང་འགྲོ་འོང་བརྗེ་རེས་དང་འབྲེལ་འདྲིས་རྒྱུས་ལོན་གྱི་འབྲེལ་ཟམ་བཙུགས་ཤིང་། ཐུན་མོང་གི་དཔལ་ཡོན་འདུ་ཤེས་སྔར་བས་སྲ་བརྟན་དུ་བཏང་ནས། སྒོ་འབྱེད་དང་དཀྱེལ་ཡངས་ལ་ལྷག་པར་བསྐུལ་ཏེ། མིའི་རིགས་ཀྱི་དཔལ་ཡོན་དར་ཞིང་རྒྱས་པའི་དུས་རབས་ཀྱི་ལེའུ་འབྲི་དགོས་པའི་རེ་བ་བཏོན། དབྱང་ཝུའུ་ཡིས་ཚོགས་འདུར་མགོ་འཛིན་བྱེད་སྐབས་འཛམ་གླིང་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུ་ཕུལ་ཏེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྔར་བས་མང་པོ་ཞིག་གིས་ཀན་ལྷོ་ཤེས་ཤིང་ཀན་ལྷོར་ཡོང་བ། ཀན་ལྷོར་དགའ་བའི་རེ་འདུན་བཅངས་ཡོད་ཟེར། ཕ་ཁི་སི་ཐན་དང་ཨ་མེ་རི་ཁ། སི་ཕེན་སོགས་རྒྱལ་ཁབ16གི་རྒྱལ་སྤྱིའི་བརྗེ་རེས་པ་དང་སྣེ་ཁྲིད། ལྷོ་ཁོ་རེ་ཡའི་༼འཛམ་གླིང་གི་ཉིན་རེའི་ཚགས་པར༽དང་ཏིས་པེ་ཡི་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་འབྲེལ་འཁོར་སྐར་འཕྲིན་ལམ། སུའེ་ཙེར་གྱི་དབྱི་ཐ་ལིའི་སྐད་ཀྱི་བརྙན་འཕྲིན་ཁང་སོགས་རྒྱལ་ཕྱིའི་སྨྱན་སྦྱོར་གྱི་གསར་འགོད་པ12དང་། ཀན་སུའུ་རུ་སྡོད་པའི་ཀྲུང་དབྱང་དང་ཞང་ཀང་གི་གསར་འགྱུར་སྨྱན་སྦྱོར་དང་ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་སྦྱོར། དྲ་བའི་སྨྱན་སྦྱོར་གྱི་གསར་འགོད་པ་དང་དེ་མིན་སྒེར་གཉེར་སྨྱན་སྦྱོར་བ་སོགས་མི30ལྷག་ཁྱབ་བསྒྲགས་ཚོགས་འདུར་ཞུགས། ལོ་ཙཱ་བ། སྐལ་བཟང་ཚེ་རིང་།








发表评论 取消回复