“ཀན་ལྷོ་ཡི་བཟོ་བོའི་རྩལ། སོར་རྩེ་ལས་དཔལ་དགུ་འཁྲུངས།”ཀན་ལྷོ་ཁུལ་གྱི་དམངས་ཁྲོད་ལག་ཤེས་ཐོན་རྫས་འགྲེམ་སྟོན།





  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ། དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཕུལ་དུ་བྱུང་བ་རྣམས་འཛིན་སྐྱོང་དར་སྤེལ།  ཀན་ལྷོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལས་དོན་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་ཕྱིར།  ཟླ12པའི་ཚེས་3ཉིན།  ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་“ཀན་ལྷོ་ཡི་བཟོ་བོའི་རྩལ།  སོར་རྩེ་ལས་དཔལ་དགུ་འཁྲུངས”་ཞེས་པའི་ཀན་ལྷོ་ཁུལ་གྱི་དམངས་ཁྲོད་ལག་ཤེས་ཐོན་རྫས་འགྲེམ་སྟོན་བྱེད་སྒོ་ཁུལ་རིག་གནས་ཁང་དུ་སྤེལ།






 ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཏོན་ཕིང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་དབྱི་བྱེད་སྒོར་ཞུགས་ནས་འགྲེམ་སྟོན་ལ་བལྟས་པ་དང་། ཀན་ལྷོ་ཁུལ་གྱི་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཐད་བླང་བྱ་དང་རེ་བ་བཏོན།





 བྱེད་སྒོའི་སྟེང་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་རྣམས་ཀྱིས་འགྲེམ་ཞུགས་བརྩམས་ཆོས་ཀྱི་རྩོམ་པ་པོའི་འཐུས་ཚབ་རྣམས་ལ་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཀན་སུའུ་ཡི་དམངས་ཁྲོད་ལག་ཤེས་བརྩམས་ཆོས་འགྲེམ་སྟོན”་དུ་ཞུག









  ཐེངས་འདིའི་འགྲེམ་སྟོན་གྱིས།  འདས་པ་དང་ད་ལྟ།  ལག་ཤེས་པ་དང་མང་ཚོགས་དབར་དུ་འབྲེལ་ཟམ་ཞིག་བཙུགས་ཤིང་།  ཀན་ལྷོའི་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་ལ་མཛེས་ཉམས་ངོམ་སའི་གར་སྟེགས་ཤིག་བསྐྲུན་པ་དང་།  འདི་ནི་དམངས་ཁྲོད་ཀྱི་རིག་གནས་ཤུལ་བཞག་འཛིན་སྐྱོང་གི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན་པར་མ་ཟད།  རིག་གནས་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན།  འགྲེམ་སྟོན་དུ་ཞུགས་པའི་བརྩམས་ཆོས་རེ་རེ་རུ་ལག་ཤེས་མཁན་པོ་རྣམས་ཀྱི་ཐབས་རྩལ་དང་རེ་བ་འཐིམས་ཡོད་ཅིང་།  བརྩམས་ཆོས་དེ་དག་གིས་ལྟད་མོ་བའི་ཡིད་དབང་ཁྲིད་དེ་ཡུལ་དུས་ཀྱི་རི་ཆུ་བརྒལ་ནས་ཀན་ལྷོའི་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་གྱི་ངོ་མཚར་མྱོང་དུ་འཇུག་ཐུབ།

   ཁུལ་དམངས་ཁྲོད་རིག་གནས་སྒྱུ་རྩལ་པའི་ལྷན་ཚོགས་ཀྱི་ཚོགས་མི་དང་འགྲེམ་ཞུགས་བརྩམས་ཆོས་ཀྱི་རྩོམ་པ་པོའི་འཐུས་ཚབ།དམངས་ཁྲོད་སྒྱུ་རྩལ་ལ་མོས་མཁན། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་རིག་གནས་ཁང་གི་ལས་བཟོ་བ་ཡོངས་བཅས་མི150ལྷག་བྱེད་སྒོར་ཞུགས།།





来源:甘南融媒藏语平台



点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部