བསང་ཆུ་རྫོང་ནས་རྣམ་ཐར་ཟློས་གར༼  སྲོང་བཙན་སྒམ་པོ༽འཁྲབ་སྟོན་བྱས།

    སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་།  ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་སྲ་བརྟན་དུ་གཏོང་ཞིང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཉམས་འགྱུར་མཚོན་ཆེད།  ཟླ8པའི་ཚེས23ཉིན་གྱི་དགོང་མོར།  བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  བསང་ཆུ་རྫོང་རྣམ་ཐར་ཟློས་གར་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ།  བསང་ཆུ་རྫོང་རིག་གནས་ཁང་སོགས་ཀྱིས་སྒྲུབ་རོགས་བྱས་པའི2025ལོའི་ཟློས་གར་གཞི་རིམ་དུ་བསྐྱོད་པ་ཞེས་པའི་དམངས་ཕན་འཁྲབ་སྟོན་བྱེད་སྒོ་བསང་ཆུ་རྫོང་གི་ཟློས་གར་ཁང་ཆེན་མོ་ནས་སྤེལ།  ཕྱོགས་བཞིའི་ཡུལ་སྐོར་པ་དང་མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་འདི་ཉམས་སུ་མྱོང་བར་ཕེབས།

图片

    འཁྲབ་སྟོན་གྱི་ནང་དོན་གཙོ་བོ་ནི་བོད་ཀྱི་སྲོལ་རྒྱུན་རྣམ་ཐར་ཟློས་གར་སྲོང་བཙན་སྒམ་པོ་ཡིན་ལ།  འཁྲབ་སྟོན་པ་རྣམས་ཀྱིས་སྲོལ་རྒྱུན་གྱི་འདོན་རྟ་དབྱངས་སྟབས་བརྒྱུད་དེ་གསོན་ཉམས་ལྡན་པའི་སྒོ་ནས་མི་ལོ་སྟོང་ཕྲག་འདས་པའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་དེ་བསྐྱར་མཚོན་བྱས་ཤིང་།  རྒྱ་བོད་གཉིས་ཀའི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་མཛའ་བརྩེ་ཟབ་མོ་བརྗོད་དེ་མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་གི་སྣང་བརྙན་སྒྱུ་རྩལ་གྱི་ལམ་ནས་མངོན་པར་མཚོན།

图片
图片
图片


    ཡུལ་དངོས་སུ་མི་ཚོགས་འཚང་ཁ་ཤིག་ཤིག་བྱས་ཤིང་།  ལྟ་མཁན་རྣམས་སྤྲོ་བ་རབ་ཏུ་འཕེར་ཏེ་ལྷང་ལྷང་གི་ཐལ་སྒྲ་རྒྱུན་མི་ཆད།  གར་སྟེགས་སྟེང་གི་གཟབ་འཆོར་དང་སྟངས་སྟབས།  མགུར་རྟ་ཀུན་གྱིས་མི་རྣམས་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་གནའ་བོའི་ལོ་ཟླ་དེ་རུ་དབང་མེད་དུ་དྲངས་ཤིང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་གྱི་དབྱིངས་སུ་ཐིམ་པར་བྱས།

图片
图片
图片
图片



    ཐེངས་འདིའི་དམངས་ཕན་རིག་གནས་བྱེད་སྒོ་ཡིས།  ཡུལ་སྐོར་པ་རྣམས་ལ་དངོས་མིན་ཤུལ་བཞག་རིག་གནས་རྒྱུས་ལོན་དང་མྱོང་རོལ་གྱི་གོ་སྐབས་ཤིག་སྤྲད་པ་མ་ཟད།  རྣམ་ཐར་ཟློས་གར་ཞེས་པའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་འདི་ཉིད་དེང་རབས་ཀྱི་འཚོ་བའི་ཁྲོད་གསོན་ཤུགས་གསར་དུ་རྒྱས་པར་སྐུལ་འདེད་བྱས་ལ།  མི་རིགས་མཐུན་སྒྲིལ་དང་བདེ་སྐྱིད་མཉམ་སྐྲུན་བྱས་ཏེ་འཆམ་མཐུན་བསང་ཆུ་བསྐྲུན་པར་རིག་གནས་ཀྱི་སྟོབས་ཤུགས་ཕུལ་ཅིང་།  མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཁོང་ཚོའི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་མཐོ་རུ་བཏེགས།  

图片

来源:甘南融媒藏语平台


点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部