
ཞོ་འཛོམས་རྡོ་རྗེ་ཚེ་རིང་། 1992ལོར་མཚོ་སྔོན་ཞིང་ཆེན་གཅན་ཚ་ཞོ་འཛོམས་སྡེ་བར་སྐྱེས། ད་ལྟ་ཀན་སུའུ་ཞིང་ཆེན་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཞིབ་འཇུག་པ་དང་2024ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིགས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་ལ་བརྩོན་མུས་མཆིས། ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་སྐད་ཡིག་རྩོམ་རིག་དང་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཡིན། 2019ལོར་བོད་འགྱུར་རྩོམ་དེབ་《ཡ་ཧུ་དཱ་པའི་བྱིས་པ་སྐྱོང་ཐབས་ཀྱི་བེའུ་བུམ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། 2020ལོར་《བོད་ཀྱི་ལོ་རྒྱུས་སྒྲུང་གསར་མའི་ཞིབ་འཇུག-〈བློས་བསླངས་དཀྱིལ་འཁོར་〉》གཞིར་བཟུང་ནས་དཔྱད་པ།ཞེས་པ་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་འབྲས་རྟགས་སུ་ཕུལ། བོད་ཀྱི་རྩོམ་རིག་དང་ཡིག་བསྒྱུར། དཔེ་རྙིང་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་ཉུང་ཤས་ཞིང་ཆེན་རིམ་པའི་དུས་དེབ་སྟེང་སྤེལ་མྱོང་། སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་གི་ལས་གཞི་གཉིས་དང་ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཅིག་བཅས་ལ་འགོ་འཛིན་བྱས་ཡོད་པ་མ་ཟད། ཏུན་ཧོང་ཞིབ་འཇུག་གླིང་བཅས་ཞིང་ཆེན་རིམ་པའི་ལས་གཞི་ཁག་ཅིག་ལའང་ཞུགས་ཡོད།





























རྩོམ་ཁུངས།《ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག》



发表评论 取消回复