ཀན་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཚབ་མཚོན་ཅན་ཏེ་ཀན་ལྷོའི་བོད་ཀྱི་དམངས་གླུའི་འཁྲབ་སྟོན་བྱེད་སྒོ་བདེ་བླག་ངང་མཇུག་བསྒྲིལ།



ཟླ12པའི་ཚེས18ཉིན།  ཀན་ལྷོ་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་རིག་གནས་ཅུའུ་ཡིས་གཙོ་སྒྲུབ་དང་།  ཀན་ལྷོ་ཁུལ་རིག་གནས་ཁང་གིས་སྒྲུབ་འགན་བླངས་པའི་བོད་གླུའི་གནའ་ཉམས་དབྱངས་སུ་གྱེར།  རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་ཅེས་པའི་ཀན་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཚབ་མཚོན་ཅན་ཏེ་ཀན་ལྷོའི་བོད་ཀྱི་དམངས་གླུའི་འཁྲབ་སྟོན་བྱེད་སྒོ་ཀན་ལྷོ་ཁུལ་ཟློས་གར་ཁང་ནས་བདེ་བླག་ངང་མཇུག་བསྒྲིལ།



图片



ཐེངས་འདིའི་བྱེད་སྒོ་སྤེལ་པའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་ཐད་ཀྱི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་དང་།རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཚབ་མཚོན་ཅན་ཏེ་ཀན་ལྷོའི་བོད་ཀྱི་དམངས་གླུ་ནུས་ལྡན་སྒོས་སྲུང་སྐྱོབ་དང་རྒྱུན་འཛིན།  ཀན་ལྷོའི་བོད་ཀྱི་དམངས་གླུ་རྒྱུན་འཛིན་སྲུང་སྐྱོབ་ཀྱི་མི་སྣ་འཇོན་ཐང་ཅན་སྔོག་འདོན།  ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་གསར་སྐྲུན་ཅན་གྱི་བསྒྱུར་བཀོད་དང་གསར་བཏོད་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད། ཀན་ལྷོའི་བོད་ཀྱི་དམངས་གླུའི་སྤྱི་ཚོགས་ཁྲོད་ཀྱི་ཤུགས་རྐྱེན་དང་སྐད་གྲགས་རྒྱ་བསྐྱེད། མི་དམངས་མང་ཚོགས་ཀྱིས་ཀན་ལྷོའི་བོད་ཀྱི་དམངས་གླུ་ལ་སྔར་བས་རྒྱུས་ལོན་དང་དགའ་མོས།    འཛིན་སྐྱོང་གང་ལེགས་ཡོང་བ་བཅས་ཀྱི་ཆེད་དུ་ཡིན། 





བྱེད་སྒོའི་ཡུལ་དངོས་སུ།  ཁུལ་ཡོངས་ཀྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་ནས་ཐོན་པའི་འགྲན་ཞུགས་པ30ལྷག་གིས་ས་སྐྱེས་རྡོ་སྐྱེས་ཀྱི་དམངས་གླུའི་སྒྱུ་རྩལ་གྲེ་འགྱུར་སྙན་མོས་རྩལ་དུ་བཏོན་ཏེ་དབྱངས་སུ་གྱེར།  ཀན་ལྷོའི་བོད་ཀྱི་དམངས་གླུའི་ཐུན་མིན་གྱི་ཉམས་འགྱུར་དང་ལྷད་མེད་ཀྱི་ཁྱད་གཤིས་མངོན་ཏེ།  ལྟ་མཁན་རྣམས་དངོས་མིན་རིག་གནས་ཤུལ་བཞག་གི་རོ་བཅུད་ཀྱིས་ཚིམ་པར་བྱས།



图片
图片
图片
图片
图片
图片
图片
图片
图片



དཔྱད་འདེམས་ཀྱི་ཆེད་ལས་རང་བཞིན་དང་དྲང་གཞག་རང་བཞིན་ཁག་ཐེག་གི་ཆེད་དུ།  གཙོ་སྒྲུབ་པས་ལས་རིགས་ཁྲོད་ཀྱི་ཆེད་མཁས་པ་ཉམས་མྱོང་ཅན་དུ་མ་ཆེད་དུ་གདན་དྲངས་ཏེ་དཔྱད་འདེམས་ཚོ་ཆུང་བཙུགས་ཤིང་།  འདྲ་མཉམ་དྲང་གཞག་གི་སྒོ་ནས་དཔྱད་འདེམས་བྱས།  དཔྱད་འདེམས་པས་སྐད་ངག་དང་དང་དབྱངས་རྟ།  ཐབས་རྩལ།  གླུ་ཚིག་སོགས་ཕྱོགས་མང་པོའི་ཐད་ནས་གཟབ་ནན་གྱིས་སྐར་གྲངས་བརྒྱབ།  མཐར་ཨང་དང་པོ་གཅིག་དང་ཨང་གཉིས་པ་གསུམ།  ཨང་གསུམ་པ་ལྔ།  ཕུལ་དུ་བྱུང་བའི་རྒྱུན་འཛིན་པ་གཉིས་དང་།  གསར་སྐྱེས་གཉིས།  ཉམས་འགྱུར་བླ་ལྷག་ཅན་གཉིས།  རྩ་འཛུགས་པའི་བྱ་དགའ་བདུན། ཕུལ་བྱུང་བྱ་དགའ་དུ་མ་བཅས་བདམས་ཐོན་བྱུང་། 



图片
图片
图片
图片
图片
图片



ཐེངས་འདིའི་བྱེད་སྒོས་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱ་བར་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་པར་མ་ཟད།  སྤྱི་ཚོགས་ཧྲིལ་བོའི་རིག་གནས་ཀྱི་གདེང་དྲོད་དང་རིག་གནས་ཀྱི་རང་རྟོགས་ལེགས་པར་བསྐྱེད།  རྒྱུན་འཛིན་པ་གསར་པ་སྐོར་ཞིག་སྔོག་འདོན་དང་གསོ་སྦྱོང་བྱས་ཤིང་།  དུས་རབས་གསར་པར་ཀན་ལྷོའི་བོད་ཀྱི་དམངས་གླུ་སྐྱེ་སྟོབས་ལྡན་པའི་སྒོ་ནས་རྒྱུན་འཛིན་དང་ཁྱབ་གདལ་རྒྱ་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་པར་མ་ཟད།  ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་པའི་བསམ་པའི་དཔལ་ཡོན་གྱི་གཞིས་ཁྱིམ་བརྟན་པོར་འཛུགས་པར་སྟོབས་ཤུགས་བཏོན།



ཡོང་ཁུངས། ཀན་ལྷོ་སྨྱན་སྦྱོར་ལྟེ་གནས་བོད་སྐད་སྤྱི་སྟེགས།


点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部