图片
图片

བསང་ཆུ་རྫོང་གི་སྐབས་བཞི་པའི་བླ་བྲང་དགྱེས་འཛོམས་ཞེས་པའི་མེ་ཕོ་རྟའི་ལོའི་གྲོང་སྡེའི་ལོ་སར་དགོང་ཚོགས་བདེ་བླག་ངང་འཚོགས།

图片
图片

ཟླ2པའི་ཚེས2ཉིན།  2026ལོའི་བསང་ཆུ་རྫོང་གི་སྐབས་བཞི་པའི་བླ་བྲང་དགྱེས་འཛོམས་ཞེས་པའི་མེ་ཕོ་རྟའི་ལོའི་གྲོང་སྡེའི་ལོ་སར་དགོང་ཚོགས་དང་ཤུལ་བཞག་རིག་གནས་ཀྱིས་ཕ་ཡུལ་གྱི་ལོ་སར་བསུ་ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོ་བསང་ཆུ་རྫོང་གླེ་དྲུག་སྡེ་བའི་རྒྱལ་ཡོངས་ལོ་སར་དུས་ཆེན་གྱི་གྲོང་སྡེའི་དགོང་ཚོགས་དཔེ་སྟོན་འཁྲབ་སྟོན་ས་ཚིགས་ནས་འཚོགས།

图片
图片
图片

ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་དབྱང་ཏོན་ཕིང་དང་།  ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞུའེ་ཧྥེང་།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བྷ་ཚེ་བརྟན་སོགས་ཁུལ་གྱི་མགོ་ཁྲིད་དང་།  ཞིང་ཆེན་དང་ཁུལ་གྱི་གདན་ཞུའི་སྐུ་མགྲོན།  བསང་ཆུ་རྫོང་གི་སྡེ་བ་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་རྣམས་དགོང་ཚོགས་སུ་ཞུགས།

图片
图片
图片
图片


图片
图片

ཁྲ་མིག་པ་ཏྲ་དང་དྲ་བ་དྲ་ཕྱེད་སོགས་ཀྱིས་ལེགས་པར་བརྒྱན་པའི་ཁང་བཟང་ནང་ནས། རྣམ་ཐར་ཟློས་གར་དང་།  དམངས་གླུ།  རྡུང་ལེན།  སྐོར་བྲོ།  གར་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཤུལ་བཞག་གི་འཁྲབ་ཚན་དག་གཅིག་རྗེས་གཉིས་མཐུད་དུ་འཁྲབ་སྟོན་བྱས་ཏེ།  བླ་བྲང་ས་ཁུལ་གྱི་རྒྱུན་རིང་བའི་ལོ་རྒྱུས་དང་།  རྫོང་སྟུག་པའི་རིག་གནས།  ད་དུང་དུས་རབས་གསར་པའི་བསང་྄ཆུ་བའི་བདེ་ཞིང་སྐྱིད་པའི་འཚོ་བ་དང་ཡར་རྒྱས་ལྷུར་ལེན་གྱི་རྣམ་འགྱུར་ཅིག་ཅར་དུ་མངོན་པར་མ་ཟད། ཡུལ་འདིའི་སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་པའི་གནས་ཚུལ་དང་གྲུབ་འབྲས་བཟང་པོ་གཅིག་བསྡུས་ཀྱིས་མཚོན་པར་བྱས། 

图片




图片
图片
图片
图片




图片
图片
图片
图片
图片
图片
图片
图片
图片
图片
图片

ཐེངས་འདིའི་དགོང་ཚོགས་ཀྱིས།  བླ་བྲང་ས་ཁུལ་གྱི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་གཞི་བཅོལ་ཞིང་།   མི་རིགས་སོ་སོའི་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་ལ་ཁ་ཕྱོགས་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བར་མ་ཟད།  བོད་ཀྱི་དམངས་སྲོལ་དང་རིག་གནས་ཤུལ་བཞག  བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་བཅས་དུས་རབས་ཀྱི་འགྱུར་ཁུགས་གཙོ་བོ་དང་དམ་པོར་སྦྲེལ་ནས།  ཕྱོགས་ཡོངས་ནས་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་དར་རྒྱས་གོང་འཕེལ་གྱི་བབ་རིས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད།

图片
图片
图片
图片
图片
图片
图片
图片

ཉེ་བའི་ལོ་དུ་མའི་རིང་།  བསང་ཆུ་རྫོང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་གཟུག་རྒྱུ་གཙོ་ཐིག་ཏུ་བཟུང་ཞིང་།  རིག་གནས་ཡུལ་སྐོར་གཏིང་ཟབ་པའི་སྒོ་ནས་མཉམ་འདྲེས་དང་གོང་འཕེལ་ཡོང་བར་ནན་ཏན་གྱིས་བསྐུལ་ཏེ།  མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་རིན་ཐང་དང་ཐུན་མིན་ཁྱད་ཆོས་སྔོག་འདོན་ལ་ཤུགས་བསྣན་ནས།  བླ་བྲང་དགྱེས་འཛོམས་ཞེས་པའི་གྲོང་སྡེའི་དགོང་ཚོགས་རིག་གནས་ཡུལ་སྐོར་པུའུ་ཡི་རྒྱལ་ཡོངས་ལོ་སར་དུས་ཆེན་གྱི་གྲོང་སྡེའི་དགོང་ཚོགས་འཁྲབ་སྟོན་ས་ཚིགས་དཔེ་མཚོན་ཅན་གྱི་གྲས་སུ་ཚུད།

图片

ཡོང་ཁུངས། ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བོད་སྐད་འཕྲིན་སྟེགས།


རྩོམ་སྒྲིག་པ། ཀོ་ཡཱ་ཞིན།

རྩོམ་སྒྲིག་འགན་འཁུར་པ། གཅོད་པ་སྐྱབས།

ཞུ་དག་པ། ། མགཽན་རྣམ་རྒྱལ།

ལྟ་སྐུལ་བ། རྟ་གྲིན་སྐྱབས

སྤྱིའི་ལྟ་སྐུལ་བ། ཚེ་མགོན།


点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部