夏河县公共文化云 · 让文化点亮生活
会员中心 登录 注册
🔍
首页 > 首页 > 资讯 > 文化动态 > 正文

​༄༅། །ནད་ཡམས་རང་སར་ཞི་བར་ཤོག

༄༅། །ནད་ཡམས་རང་སར་ཞི་བར་ཤོག     

འབོ་ར་ཀླུ་འབུམ་བཀྲ་ཤིས།


མ་རུང་སྦྱར་དུག་ལྡོམ་པོ་འདི། །
འཛམ་གླིང་མི་ཡི་ལུང་བར་འཇབ། །
ཡམས་ནད་མཛེ་མ་ར་མགོ་འདིས། །
མི་སྲོག་འཕྲོག་ཅིང་མྱ་ངན་སྤེལ། །

གཏི་མུག་མུན་པ་དྭངས་མེད་འདི། །
འཇའ་བཞིན་མི་ཡལ་སྤྲིན་བཞིན་འཁྲུགས། །
སྐྱིད་པའི་ཡུལ་ལུང་ནམ་མཁའ་ལ། །
ཉི་མ་མེ་བཞིན་དམར་བོར་འཆར། །

བྱད་རིགས་རྒྱ་ཡམས་ཐན་སྤྲིན་འདི། །
ས་ཕྱོགས་ཀུན་ལ་རླུང་བཞིན་ལྡང་། །
ཡུལ་ཁམས་སོ་སོར་ཆར་བཞིན་བབས། །
དུས་བཞི་ཀུན་ལ་སྨུག་བཞིན་འཐིབས། །

མི་མཇེད་འཇིག་རྟེན་སྐྱེ་བོ་ལ། །
དུག་གིས་གཙེས་ནས་སྲོག་ལ་འཐམས། །
ཀྱེ་མ་འབྱུང་བོ་གཟུགས་མེད་འདི། །
ལྷ་ཡིས་འདུལ་བའི་ཐུགས་རྗེ་མཛོད། །
          
དུས་གསུམ་སྨན་བླའི་བྱིན་རླབས་ཀྱིས། །
ནད་ཡམས་ཡ་མ་མཐར་སྐྲོད་ཅིག །
འདི་ནས་བསྐལ་བ་མ་སྟོང་བར། །
སླར་ཡང་འབྱུང་བ་མེད་པར་ཤོག །


👍 点赞 0 ⭐ 收藏 ↗ 分享
评论 (0)
暂无评论