ཀན་ལྷོའི་བོད་ཀྱི་དམངས་གླུ་རྒྱུན་འཛིན་པ་ཚབ་མཚོན་ཅན་དང་

ལས་རིགས་རྐང་འཛིན་པའི་གསབ་སྦྱོང་འཛིན་གྲྭ་འགོ་ནང་ཐང་ནས་འཚོགས།

图片

    ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པའི་དགོངས་དོན་ལག་ལེན་གཏིང་ཟབ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལས་དོན་དང་འབྲེལ་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ།རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ལས་གཞིའི་མིང་གཞུང་ལས་ཀན་ལྷོའི་བོད་ཀྱི་དམངས་གླུ་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན།  རྒྱུན་འཛིན་པ་ཚབ་མཚོན་ཅན་གྱི་ཆེད་ལས་ནུས་རྩལ་དང་རྒྱུན་འཛིན་ནུས་པ་དོན་ལ་གནས་པའི་སྒོ་ནས་མཐོ་རུ་བཏེགས་ཏེ་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་གསར་གཏོད་ཅན་ཡོང་བར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་འདེད་གཏོང་ཆེད།  ཟླ9པའི་ཚེས2ཉིན།  ཀན་ལྷོ་ཁུལ་རིག་གནས་ཁང་གིས་གཙོ་སྒྲུབ་བྱས་ཤིང་ཀན་ལྷོ་ཁུལ་བོད་ཀྱི་སྲོལ་རྒྱུན་དམངས་གླུ་སྲུང་སྐྱོབ་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་ཀན་ལྷོའི་བོད་ཀྱི་དམངས་གླུ་རྒྱུན་འཛིན་པ་ཚབ་མཚོན་ཅན་དང་ལས་རིགས་རྐང་འཛིན་པའི་གསབ་སྦྱོང་འཛིན་གྲྭ་བ་ཙེ་རྫོང་འགོ་ནང་ཐང་ནས་འཚོགས།

图片
图片

    ཀན་ལྷོ་ཁུལ་རིག་གནས་ཡུལ་སྐོར་ཅུའུ་དང་ཀན་ལྷོ་ཁུལ་དངོས་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱི་འབྲེལ་ཡོད་མགོ་ཁྲིད།  ཀན་ལྷོ་ཁུལ་བོད་ཀྱི་སྲོལ་རྒྱུན་དམངས་གླུ་སྲུང་སྐྱོབ་མཐུན་ཚོགས་ཀྱི་འགན་འཛིན་མི་སྣ།  མཚོ་སྔོན་ཞིང་ཆེན་དང་རང་ཁུལ་གྱི་ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་དང་སྒྱུ་རྩལ་པ་གྲགས་ཅན་སོགས་འཛིན་གྲྭ་འཚོགས་མགོ་རྩོམ་པའི་བྱེད་སྒོར་ཞུགས་ཤིང་གཏམ་བཤད་སྤེལ།  ཁུལ་ཡོངས་ཀྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་ནས་ཐོན་པའི་དམངས་གླུ་རྒྱུན་འཛིན་པ40ཐེངས་འདིའི་གསབ་སྦྱོང་འཛིན་གྲྭར་ཞུགས་ཡོད།

图片
图片
图片
图片
图片
图片
图片
图片
图片
图片

    ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་བསྡུས་པ་ཡིས་ཀན་ལྷོའི་བོད་ཀྱི་དམངས་གླུ་རྒྱུན་འཛིན་པ་དང་ལས་རིགས་རྐང་འཛིན་རྣམས་ལ་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་གྱི་སྟེགས་བུ་ཞིག་བསྐྲུན་པར་མ་ཟད།  མ་འོངས་པའི་ཉིན་ལྔའི་རིང་དགེ་རྒན་རྣམས་ཀྱིས་ཞིབ་ཚགས་ཀྱི་མཛུབ་སྟོན་དང་དམར་ཁྲིད་བྱས་པ་བརྒྱུད།  ཁོ་ཚོ་ལ་གནད་དོན་ཡོ་བསྲང་དང་ནུས་རྩལ་མཐོར་འདེགས་ཀྱི་གོ་སྐབས་བཟང་པོ་ཞིག་ཀྱང་སྤྲད་དེ།  སྔར་ལས་ལྷག་པའི་སྒོ་ནས་ཀན་ལྷོའི་བོད་ཀྱི་དམངས་གླུ་སྲུང་སྐྱོབ་དང་རྒྱུན་འཛིན།  རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དང་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།

图片
图片

ཡོང་ཁུངས། ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།


点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部