དེ་ཡང་《བླ་བྲང་དམངས་སྲོལ་རིག་གནས་》༼ནང་ཁུལ་ཡིག་ཆ།༽ ཞེས་པའི་དུས་དེབ་འདི་ནི་བསང་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ་དང་བསང་ཆུ་རྫོང་རིག་གནས་ཁང་གིས་འགན་སྒྲུབ་བྱེད་བཞིན་པའི་སྣ་འཛོམས་རང་བཞིན་གྱི་རིག་གནས་དུས་དེབ་ཅིག་ཡིན། ལོ་རེར་བོད་ཡིག་དང་རྒྱ་ཡིག་གི་པར་གཞི་ཐེངས་གཅིག་རེ་འགྲེམ་སྤེལ་བྱེད་བཞིན་ཡོད་ལ། ལོ་རེ་རེ་བཞིན་རྫོང་ཕྱི་ནང་གི་ལེགས་རྩོམ་གདམ་སྒྲིག་བྱ་རྒྱུ་ཡིན་པས།  རྒྱ་ཆེའི་རྩོམ་པ་པོ་དག་གིས་ཤེས་བརྩོན་གྱི་འཇུག་པ་ཡངས་པོར་ཕྱེས་ཏེ་བླ་བྲང་རིག་གནས་དང་འབྲེལ་བའི་རྩོམ་ཡིག་བསྐུར་རྒྱུ་མཁྱེན།

《བླ་བྲང་དམངས་སྲོལ་རིག་གནས་》  ཀྱིས་གཞི་རྩའི་རྩ་དོན་ལེགས་པར་བསྲུང་ཤིང་ས་གནས་རང་གི་ཁྱད་ཆོས་ལྡན་པ།   སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ།  “ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་བཙུགས་ནས།   ཕུལ་བྱུང་སྲོལ་རྒྱུན་རིག་གནས་གོང་སྤེལ་སྐུལ་འདེད་གཏོང་བ”རྩ་དོན་དུ་བྱས་ཤིང་།    “དམངས་སྲོལ་རིག་གནས་དང་ཞིང་གྲོང་རིག་གནས།   སྡེ་ཚོའི་རིག་གནས།”དར་སྤེལ་བཏང་ནས།    ཡུལ་སྐོར་རིག་གནས་ཚད་མཐོའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ། དེར་བསྟུན་བསང་ཆུའི་རིག་གནས་ཕུན་སུམ་ཇེ་ཚོགས་དང་ཤེས་ལྡན་མི་སྣ་སྐྱེ་བསྲིང་།   དམངས་སྲོལ་རིག་གནས་སྐུལ་འདེད་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས།  ས་གནས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བར་འབད་པ་ལྷུར་ལེན་བྱ་རྒྱུ་ཡིན།

དང་པོ།  《བླ་བྲང་དམངས་སྲོལ་རིག་གནས་》ཀྱི་དུས་དེབ་ཀྱི་ནང་དོན་དང་རིགས་དབྱེ། 

༡  རིག་གནས་དཔྱད་གླེང་། 

༢  སྲིད་ཇུས་ཁྱབ་སྤེལ། ༼དངོས་ཡོད་སྲིད་ཇུས་རྨང་གཞི་བྱ་རྒྱུ།༽ 

༣  མི་སྣ་དང་དངོས་བྲིས།༼བླ་བྲང་ས་གནས་ཀྱི་མི་སྣ་གྲགས་ཅན་དང་ཡུལ་རྣམ་དངོས་བྲིས་སོགས་དགོད་རྒྱུ་ཡིན།༽ 

༤   སྙན་རྩོམ་དང་རི་མོ་སྣ་ཚོགས།  ༼ལེགས་བཤད། བཅད་ལྷུག་སྤེལ་མ་དང་སྲོལ་རྒྱུན་རི་མོ། སྣུམ་ཚོན་རི་མོ་སོགས་དགོད་རྒྱུ་ཡིན།༽ 

༥  ལོ་རྒྱུས་དང་གནའ་ཤུལ་གཏམ་རྒྱུད། ༼ལོ་རྒྱུས་སྙན་རྩོམ།    ས་གནས་ཡིག་ཚགས།     མི་ཆོས་བསླབ་བྱ།    ཤུལ་བཞག་རིག་གནས་སོགས་ཀྱི་ནང་དོན་དགོད་རྒྱུ་ཡིན།༽ 

༦   རྩོམ་རིག་ལྡིང་ཁང་དང་སྒྱུ་རྩལ་དོ་ར། 

༼ ༡ ༽   རྩོམ་རིག་བརྩམས་ཆོས།    བརྩམས་སྒྲུང་།༼སྒྲུང་འབྲིང་དང་སྒྲུང་ཐུང་ཡིག་བརྒྱ་མ།༽  ལྷུག་རྩོམ།༼ཇི་བཞིན་བརྗོད་པ།  མི་སྣ།  བྱ་དངོས།  ཡུལ་ལྗོངས་ཞིབ་འབྲི།༽     གླུ་ཤགས།  ཁེད་དང་གབ་ཚིག  གླུ་དང་ཁ་ཤགས་སོགས་བརྗོད་བྱར་བྱས་པའི་དམངས་ཁྲོད་རྩོམ་རིགས་ཡིན་དགོས།  ༼ཁ་ཕྱོགས་ས་གཙོ་བོ་ནི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས་དང་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་དག་ཡིན།༽ 

༼༢༽   དམངས་ཁྲོད་གཏམ་རྒྱུད།   ལྷ་སྒྲུང་དང་དམངས་ཁྲོད་ངག་རྒྱུན།   དངོས་བྱུང་གཏམ་རྒྱུད།    གཏམ་དཔེ།  བྱིས་སྒྲུང་།  དགོད་གཏམ་སོགས།  ༼ཁ་ཕྱོགས་ས་གཙོ་བོ་ནི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས་དང་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་དག་ཡིན།༽ 

༼༣༽    དམངས་ཁྲོད་སྙན་ངག  ལེགས་བཤད་དང་དམངས་གླུ།  གབ་ཚིག   ཤགས་འགྱེད།  དམངས་ཁྲོད་ངག་རྩོམ།   ངལ་རྩོལ་གྱི་གླུ་སོགས་བརྗོད་བྱར་བྱས་པའི་བརྩམས་ཆོས།   ༼ཁ་ཕྱོགས་ས་གཙོ་བོ་ནི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས་དང་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་དག་ཡིན།༽ 

༼༤༽ དམངས་ཁྲོད་གླུ་གཞས་སྒྱུ་རྩལ་དང་ཟློས་གར།  དུས་རབས་གསར་བའི་ཁྱད་ཆོས་ལྡན་པའི་གླུ་ཚིག་དབྱངས་རྟ།   བཤད་པའི་རིག་གནས།   ངལ་རྩོལ་གྱི་གླུ།   བཞད་གར།   ཟློས་གར་ཐུང་གྲས་དང་དབྱངས་རྟ་སོགས། 

༼༥༽  བརྙན་པར་སྒྱུ་རྩལ།   ཡིག་གཟུགས།  ཤོག་བུ་དྲ་བ།   བརྐོས་རིས་སོགས་ཀྱི་ལག་རྩལ་བརྩམས་ཆོས།   ༼ཁ་ཕྱོགས་ས་གཙོ་བོ་ནི་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་རྣམས་དང་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་དག་ཡིན།༽ 

གསུམ་པ།   བརྩམས་ཆོས་གསར་རྩོམ་གྱི་བླང་བྱ།  

༼༡༽ བརྗོད་བྱ་གཙོ་བོ་དར་སྤེལ་དང་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྤེལ་བྱ་དགོས། ཐུན་མིན་གསར་གཏོད་ཀྱི་རང་བཞིན་མཚོན་པ་དང་། ས་ཁོངས་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་གཏོད་པ།
༼༢༽ དུས་རབས་ཀྱི་ཉམས་འགྱུར་དང་ཁྱད་ཆོས་མཚོན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཚོན་པ། “མང་ཚོགས་ཀྱི་རིག་གནས་དེང་རབས་ཀྱི་འཚོ་བའི་ནང་འདྲེས་པར་བྱ་རྒྱུ་”དང་།“སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཀྱི་འཚོ་བ་དངོས་ལ་ཕན་པ་ཐོབ་པ་བྱ་རྒྱུ་”བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་མངོན་འགྱུར་བྱ་དགོས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་བསང་ཆུའི་སྙིང་སྟོབས་མངོན་པར་མཚོན་པ།
༼༣༽  གཞི་རིམ་ལ་ཁ་ཕྱོགས་པ་དང་སྡེ་ཁུལ་ལ་ཁ་ཕྱོགས་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་བྱས་ཏེ། ཉིང་བཅུད་ལྡན་པ་དང་། ཀུན་སྤྱོད་ལྡན་པ། ཚེ་སྲོག་ལྡན་པའི་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་གསར་རྩོམ་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ།

བཞི་བ། 《བླ་བྲང་དམངས་སྲོལ་རིག་གནས་》ཀྱི་བརྩམས་ཆོས་བསྐུར་ས། 

༡   བསྐུར་ཡུལ་ཡིག་ཟམ།    lblwh2025@163.com     

               QQ    714965011 

༢   རྩོམ་བསྡུའི་དུས་ཡུན།    སྤྱི་ལོ༢༠༢༥ལོའི་སྤྱི་ཟླ༡༠བའི་ཚེས་༡༧ནས་སྤྱི་ཟླ༡༡པའི་ཚེས་༡༧བར།

༣   བརྩམས་ཆོས་རྗེས་སུ་རྩོམ་པ་པོའི་མིང་དང་ས་གནས།   འབྲེལ་གཏུག་ཨང་གྲངས་སོགས་དགོད་དགོས་ལ།    སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར།   རྩོམ་བསྡུའི་གཞོགས་འདེགས་མ་ལག་སྟེང་ནས་བདམས་ཐོན་བརྡ་སྦྱོར་དང་བྱ་དགའ་ལེན་དགོས། 

༤ གནས་སྐབས་སུ་རྩོམ་ཡིག་འཇོག་སའི་ཡིག་སྒམ་གཏན་འཁེལ་མེད་པས། བྲིས་རྩོམ་འཇོག་དགོས་ན་ཐད་ཀར་བསང་ཆུ་རྫོང་རིག་གནས་ཁང་གི་《བླ་བྲང་དམངས་སྲོལ་རིག་གནས་》དུས་དེབ་རྩོམ་སྒྲིག་ཚན་ཆུང་ལ་སྤྲོད་རོགས། 

ལྔ་བ།  《བླ་བྲང་དམངས་སྲོལ་རིག་གནས་》རྩོམ་སྒྲིག་ཚན་ཆུང་གི་དམིགས་གསལ་ཞུ་དོན། 

དུས་དེབ་འདིས་ས་གནས་རིག་གནས་རྨང་གཞི་བྱས་ཤིང་།   གཞུང་དང་དམངས་གཉིས་མཉས་འདྲེས་བྱ་བ་རྟེན་གཞི།   ས་གནས་ཁྱད་ལྡན་རིག་གནས་རྒྱུད་འཛིན་དར་སྤེལ་དམིགས་གཞིར་འཛིན་པ།  ཞིང་གྲོང་རིག་གནས་དང་མང་ཚོགས་རིག་གནས་དར་སྤེལ་རྩ་དོན་བྱས་པའི་དུས་དེབ་ཅིག་ཡིན་པས། བརྩམས་ཆོས་བདམས་དུས་གཙོ་བོ་ས་གནས་རྩོམ་པ་པོས་བླ་བྲང་ས་ཁོངས་ཀྱི་རིག་གནས་་བརྗོད་བྱ་བྱས་པའི་བརྩམས་ཆོས་དང་། ཡང་ན། ས་གནས་རྩོམ་པ་པོས་ས་གནས་གཞན་གྱི་ཉམས་མྱོང་དང་རྒྱལ་ཁོངས་ཀྱི་རི་ཆུའི་མཛེས་ཉམས་སོགས་བརྗོད་བྱ་བྱས་པའི་བརྩམས་ཆོས།    ས་གནས་གཞན་པའི་རྩོམ་པ་པོས་བླ་བྲང་ས་གནས་བརྗོད་བྱར་བཟུང་བའི་བརྩམས་སོགས་གཙོ་བོར་བཟུང་སྟེ་བདམ་རྒྱུ་ཡིན།  གཞུང་ཕྱོགས་ཀྱི་གསར་ལམ་བརྒྱུད་སྒྲོག་ལས་ས་གནས་གཞན་པའི་རྩོམ་པ་པོས་གཞན་གྱི་མཐོང་སྣེ་བརྗོད་བྱར་བྱས་པའི་བརྩམས་ཆོས་དུས་དེབ་སྟེང་དུ་དགོད་རྒྱུ་མིན་པས།  དེ་འབྲེལ་རྒྱ་ཆེའི་རྩོམ་པ་པོ་དག་གིས་ཐུགས་ལ་འཇགས་པར་འཚལ། 


《བླ་བྲང་དམངས་སྲོལ་རིག་གནས་》དུས་དེབ་རྩོམ་སྒྲིག་ཚན་ཆུང་གིས། 

༢༠༢༥ལོའི་ཟླ་༡༠པར།

        

点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部