༄༅། །དཔྱིད་དཔལ་དུད་ཁྱིམ་ཁྲི་ཕྲག་ཏུ་བསྐྱོད། ། གནམ་ལོ་གསར་བ་སྤྲོ་འཛུམ་གྱིས་བསུ། ། ཟླ1ཚེས23ཉིན། བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི་བསང་ཆུ་རྫོང་གི་སྐབས་གཉིས་པའི༼བླ་བྲང་དགྱེས་འཛོམས༽ཞེས་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཞིང་སྡེའི་ལོ་སར་སྤྲོ་ཚོགས་བསང་ཆུ་རྫོང་མདའ་མེད་ཞང་གཡང་ནོར་དམངས་སྲོལ་གཞིས་ཀ་རུ་གཟབ་རྒྱས་ངང་འཚོགས། ཐེངས་འདིར་བསང་ཆུ་རྫོང་གི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པ་གཙོར་བཟུང་ཡོད་ཅིང་། རྡུང་ལེན་པ་རྒན་དཔལ་མགོན་དང་བསང་ཆུ་རྫོང་ཁོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་བ་རིན་ཁོ་དང་འཇིགས་བྱེད་འཚོ། ཧོར་གཙང་སྨོན་ལམ་དང་བཀྲ་ཤིས་སྒྲོལ་མ། སྡེ་བ་སོ་སོའི་གར་འཁྲབ་པ་སོགས་གདན་ཞུ་བྱས་ཏེ་བླ་བྲང་གི་ལོ་སར་སྟོན་བཤད་དང་བླ་བྲང་གི་གར། བླ་བྲང་དམངས་ཁྲོད་ཀྱི་བྲོ་དང་དམངས་གླུ་བསྟུད་ལེན། རྣམ་ཐར་ཟློས་གར་དང་འབེལ་དཀར། རྡུང་ལེན་དང་གླུ་དབྱངས། བླ་བྲང་གི་སྐོར་བྲོ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ལོ་སར་གྱི་ལེགས་སྐྱེས་སུ་ཕུལ། ས་ལ་དགེ་བཅུ་འཛོམས་པའི་གནས།། མི་ལ་མཁས་མཛངས་འཁྲུངས་པའི་ཡུལ།། གནམ་ལོ་གསར་བ་དགའ་བས་བསུ།། སྐྱིད་པའི་ལོ་སར་གླུ་ཡིས་བསྟོད།། བསང་ཆུ་རྫོང་གི་སྐབས་གཉིས་པའི༼བླ་བྲང་དགྱེས་འཛོམས༽ཞེས་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཞིང་སྡེའི་ལོ་སར་སྤྲོ་ཚོགས་ཀྱི་ལག་བསྟར་འཁྲབ་ཁྲིད་པ། གསང་བདག བཙན་པོའི་སྦྲ་ཁྱིམ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ། བསྟན་པ། ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་དང་དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་འགྱུར་ཁུགས་རེ་རེ་དང་སྟངས་སྟབས་རེ་རེས་བདེ་སྐྱིད་ཀྱི་དུས་རབས་ལ་བཀའ་དྲིན་ཞུས་ཤིང་བསང་ཆུའི་མཛེས་སྡུག་གི་རི་མོ་ཕྱོགས་བཞིར་བཀྲམས། ། ཡོང་ཁུངས། ཀན་ལྷོ་རྒྱང་སྒྲོགས་བརྙན་འཕྲིན་ཁང་གི་བོད་སྐད་སྟེགས་བུ།





































发表评论 取消回复